Our History

Origin​ Story

བོད་མི་རྣམས་ནིའུ་ཇར་སི་མངའ་སྡེར་ཐོག་མར་ཁ་ཐོར་གྱིས་གནས་སྡོད་བྱས་ཡོད་པ་དང་། ཁྱིམ་ཚང་རྣམས་ཕན་ཚུན་རྒྱང་ཐག་རིང་པོར་གནས་ཡོད་སྟབས་ཁོང་ཚོའི་ཐུན་མོང་གི་སྐད་ཡིག་དང་། རིག་གཞུང་། རྒྱུན་སྲོལ་བཅས་ཉར་ཚགས་དང་སྲུང་སྐྱོབ་བྱེད་པའི་གོ་སྐབས་ཧ་ཅང་ཉུང་ཉུང་ཡིན། རིག་གཞུང་ཉམས་ཆག་འགྲོ་བའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་པ་ངོས་འཛིན་བྱས་ཏེ། ཕྱི་ལོ་ ༢༠༠༧ ལོར་བོད་ཀྱི་ས་བོན་ཞེས་པའི་ཚོགས་པ་དེ་བོད་མིའི་སྤྱི་ཚོགས་ཀྱི་ཚོགས་མི་དགའ་ཞེན་ཅན་ཁག་ཅིག་གིས་མཉམ་འཛོམས་ཀྱིས་གསར་འཛུགས་བྱས་པ་རེད། ཚོགས་པ་འདི་ནི་མ་འོངས་པའི་མི་རབས་རྣམས་ཀྱི་ཆེད་དུ་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། རྒྱུན་སྲོལ་བཅས་སྲུང་སྐྱོབ་དང་རྒྱུན་འཛིན། དར་སྤེལ་གཏོང་རྒྱུའི་དམ་བཅའ་མཉམ་སྤྱོད་བྱེད་མཁན་གྱི་ཁྱིམ་ཚང་བཅུ་གཉིས་ཙམ་གྱིས་གསར་འཛུགས་བྱས་པ་ཞིག་ཡིན།

Today, Seeds of Tibet serves a vibrant and growing community. Many Tibetans and Himalayan individuals in New Jersey have participated in our programs, which support cultural continuity through language, arts, and tradition. Our programs draw participants from communities across New Jersey as well as New York State.

ལས་འགན།

ང་ཚོའི་དམིགས་ཡུལ་ནི་ད་ལྟ་དང་མ་འོངས་པའི་མི་རབས་རྣམས་ཀྱི་ཆེད་དུ་སྤྱི་ཚོགས་ལ་གཞི་བཅོལ་བའི་ཤེས་ཡོན་དང་། རིག་གཞུང་གི་ལས་རིམ། མི་རབས་བར་གྱི་འབྲེལ་འདྲིས་བཅས་བརྒྱུད་ནས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། རྒྱུན་སྲོལ་བཅས་ཉར་ཚགས་དང་། རྒྱུན་གནས། དར་སྤེལ་གཏོང་རྒྱུ་དེ་ཡིན།

Seeds of Tibet is a registered 501(c)(3) nonprofit organization.

Seeds of Tibet

Vision and Values

ང་ཚོས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། རིག་གནས་བཅས་མི་མང་གི་སེམས་དང་ཉིན་རེའི་འཚོ་བའི་ནང་དར་རྒྱས་ཡོང་བའི་མ་འོངས་པ་ཞིག་ལ་མཐོང་གི་ཡོད། ༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་མཛད་སྤྱོད་ཀྱིས་མདུན་བསྐྱོད་བྱས་ཏེ། ང་ཚོས་བོད་ཀྱི་ངོ་བོའི་ཆོས་དང་རིག་གཞུང་གི་རྨང་གཞི་སྲུང་སྐྱོབ་བྱེད་རྒྱུར་དམ་བཅའ་བཞག་ཡོད། ང་ཚོའི་མེས་པོ་ལ་གུས་བརྩི་ཞུ་བ་དང་། ང་ཚོའི་བྱིས་པ་གསོ་སྐྱོང་བྱེད་པ། རེ་བ་དང་། བརྟན་བརླིང་། མཉམ་འབྲེལ་གྱི་ལྟ་རྟོག་བཅས་གོང་འཕེལ་གཏོང་རྒྱུ་ཡིན།

ང་ཚོས་དར་རྒྱས་ཅན་དང་འབྲེལ་མཐུད་བྱས་པའི་སྤྱི་ཚོགས་ཤིག་གི་རྨི་ལམ་མཐོང་གི་ཡོད། དེར་རྒན་རབས་ཚོས་སྲོལ་རྒྱུན་བརྒྱུད་སྤྲོད་བྱེད་པ་དང་གཞོན་སྐྱེས་ཚོས་རང་ཉིད་ཀྱི་ཤུལ་བཞག་ལ་སྤོབས་པ་སྐྱེད་ནས་འཚར་ལོངས་བྱེད་ཀྱི་ཡོད། མཉམ་སྤྱོད་སློབ་སྦྱོང་དང་རིག་གཞུང་གི་མཚོན་སྟངས་བརྒྱུད་ནས་བོད་ཀྱི་ས་བོན་གྱིས་གཏོགས་སེམས་སྐྱེད་སྲིང་བྱེད་པ་དང་བོད་ཀྱི་རིག་གཞུང་མུ་མཐུད་དུ་མ་འོངས་པའི་མི་རབས་ཚོར་སྐུལ་མ་བྱེད་པར་འགན་ལེན་བྱེད་ཀྱི་ཡོད།


 

མི་ཉམས་རྒྱུད་འཛིན་བྱེད་པ།

ང་ཚོས་བོད་སྐད་དང་། རིག་གཞུང་། དེ་བཞིན་ཤུལ་བཞག་རྣམས་མུ་མཐུད་དུ་ཉམས་ལེན་དང་། སྲུང་སྐྱོབ། མ་འོངས་པའི་མི་རབས་ལ་བརྒྱུད་སྤྲོད་བྱ་རྒྱུའི་འཚོ་བཞིན་པའི་སྲོལ་རྒྱུན་དུ་བརྩི་བཞིན་ཡོད།

འབྲེལ་འདྲིས།

ང་ཚོས་རྒན་པ་དང་གཞོན་པ་གཉིས་ཕན་ཚུན་སྟོབས་ཤུགས་སྤེལ་རེས་བྱེད་པ་དང་། མཉམ་དུ་སློབ་སྦྱོང་བྱས་ན་རྒྱུན་མཐུད་དང་། ངོ་བོ། དབང་ཆ་བཅས་འཛུགས་སྐྲུན་བྱེད་ཐུབ་པར་ཡིད་ཆེས་བྱེད།

སྙིང་རྗེ་དང་འཚེ་མེད་ཞི་བ།

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལ་བརྟེན་ནས་ང་ཚོས་བྱམས་པ་དང་གུས་བརྩི། ཞི་བདེའི་མཉམ་གནས་བཅས་ཀྱི་སྒོ་ནས་བྱ་བ་ཐམས་ཅད་སྒྲུབ་ཀྱི་ཡོད།

སྤྱི་ཚོགས།

ང་ཚོས་རིག་གནས་སྲུང་སྐྱོབ་བྱེད་རྒྱུ་ནི་མཉམ་ལས་དང་། ཞབས་ཞུ། མཉམ་རུབ་ཀྱི་ལྟ་སྐྱོང་བཅས་ཀྱི་ཐོག་ནས་ཤུགས་ཆེ་རུ་གཏོང་བའི་འགན་འཁུར་ཞིག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད།

Scroll to Top